VISIT OF HH SAKYA TRIZIN RINPOCHE-MADISON

དད་ལྡན་བྱང་ཨ་རིའི་ཝི་སི་ཀོན་སིན་མེ་ཌེ་སིན་ཁུལ་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དཔལ་ལྡན་༧ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བཀའ་འཁྲོལ་བྱུང་ཞིང་༧གོང་མ་མཆོག་ས་གནས་འདི་གར་ཐེངས་དང་པོར་ཞབས་སོར་འགོད་ཐུབ་པར་དགའ་ཚོར་འབུམ་གྱིས་ཁེངས་ཡོད། དེ་ལྟར་ཡང་ཕྱི་ཟླ་ 8 པའི་ཚེས་ 20 ནས་ཚེས་23 བར་གྱི་གསུང་ཆོས་དང་བཀའ་སློབ་སོགས་བོད་རིགས་སྤྱི་མཐུན་ཚོགས་པའི་དྲ་རྒྱ་དང་ངོ་དེབ་ལ་ཁ་གསལ་བོར་བཀོད་ཡོད་པས་མི་མང་ཡོངས་ནས་དེར་གཟིགས་རོགས་ཞུ་རྒྱུ་ཡིན་ལ། དད་ལྡན་པ་རྣམས་ནས་ཐེངས་འདིའི་གསུང་ཆོས་དང་བཀའ་སློབ་སྐབས་བླ་མ་ཐུགས་མཉེས་པ་དང་དགར་སོ་སོས་བསོད་ནམས་བསགས་ཕྱིར་སྦྱིན་བདག་གནང་འདོད་གཏོང་ཕོད་ཅན་ཡོད་ཚེ་ཚོགས་གཙོ་དང་བློ་བཟང་བསྟན་འཛིན་གྱི་ཁ་པར་༼ 6086988260༽ དང་དྲུང་ཆེ་ཚེ་རིང་བསམ་འགྲུབ་ཀྱི་ཁ་པར་༼6088823954༽ ལ་འབྲེལ་བ་གནང་རོགས་ཞུ། ། ཚོགས་པའི་དྲ་རྒྱ་ www.wistib.org འདིར་གཟིགས་གནང་། ། Wisconsin Tibetan Association is most honored and excited to inform you that H.H. Sakya  … Continue reading VISIT OF HH SAKYA TRIZIN RINPOCHE-MADISON